|
- 次仁桑珠 轮回圣水(藏语版) 歌词
- 次仁桑珠
- ཀེ་ལ་ཤ་ཡིས་བསྐོར་བའི་ཁ་བའི་ལྗོངས།
གཉན་ཆེན་ཐང་ལྷས་པང་དུ་བཏབ་པའི་ཡུལ། བྱིན་ཅན་ལྷ་ཆབ་གནམ་མཚོའི་ལྷ་ཆུ་འདི། སྐྱིད་པའི་འབྲོག་ས་འདམ་གཞུང་ཡུལ་ནས་ཐོན།
ཡཱ། གནམ་མཚོ་ཕྱུག་མོ། ཡཱ། ལྷ་ཡི་ཞིང་ཁམས། ཡཱ། གནམ་མཚོའི་ལྷ་ཆུ། ཡཱ། ཡན་ལག་བརྒྱད་ལྡན།
ཡར་ལ་གཟིགས་དང་སྤྲིན་གྱིས་བྲོ་གར་འཁྲབ། མར་ལ་གཟིགས་དང་ནོར་ལུག་རྩེད་འཇོར་རོལ། ཨ་ཁུ་འབྲོག་པའི་བདེ་སྐྱིད་འཚོ་བ་འདི། ལྷད་མེད་གནམ་མཚོའི་ལྷ་ཆུས་རྟེན་འབྲེལ་སྒྲིག
ཡཱ། གནམ་མཚོ་ཕྱུག་མོ། ཡཱ། ལྷ་ཡི་ཞིང་ཁམས།
|
|
|